སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་འགོ་ཁྲིད་དང་མཇལ་ཕྲད།

སྲིད་སྐྱོང་མཆོག་གིས་ཝ་ཤིང་ཊོན་ཌི་སིར་ཨ་རིའི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བཅས་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་པ།

སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་འགོ་ཁྲིད་དང་མཇལ་ཕྲད་ཀྱི་བོད་དོན་ཁྲིམས་འཆར་གྲོས་ཚོགས་སུ་འདོན་སྤེལ་ངོ་སྤྲོད་ཟིན་ཏེ་ཡོད་པ་འདི་མདུན་སྐྱོད་གནང་ཐབས་ཀྱི་ཐབས་བྱུས་ཐད་གྲོས་བསྡུར་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཝ་ཤིང་ཊོན་ཌི་སིར་ཨ་རིའི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བཅས་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་སྟེ་ཨ་རིའི་གྲོས་ཚོགས་སུ་འདོན་སྤེལ་ཟིན་པའི་བོད་དོན་ཁྲིམས་འཆར་ཁག་མདུན་སྐྱོད་ཡོང་ཐབས་ཐད་འབོད་སྐུལ་གནང་པ་དང་། གྲོས་ཚོགས་འཐུས་མིའི་ཁོངས་ནས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་གསར་པ་འཚོལ་སྒྲུབ་ཀྱི་ལས་དོན་གནང་ཡོད་པ་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་དམིགས་བསལ་བཅར་འདྲི་དྭང་ལེན་གནང་པའི་སྐབས་གསུངས་བྱུང་།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) དང་མཇལ་ཕྲད་གནང་པ། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡
ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་མོ་ལེ་ནར་དང་མཇལ་ཕྲད། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡ (བྱང་ཨ་རི་སྐུ་ཚབ་དོན་ཁང་།)

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་ཕྱི་ཟླ་ ༡༡ ཚེས་ ༩ ནས་ ༡༣ བར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རཡེ་ལེ་སྦརནསི་མཆོག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་བྱེད། གྲོས་ཚོགས་འཐུས་མི། གསར་ཁང་ཁག་གི་འཐུས་མི་བཅས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་ད་ལྟའི་གནས་བབ་དང་ཨ་རིས་བོད་མི་མང་ལ་རྒྱབ་སྐྱོར་གནང་བཞིན་པར་དགའ་བསུ་ཡང་ཞུས་གནང་ཡོད་པ་གསུངས་བྱུང་ལ། དེའི་ཁོངས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་ཤུགས་ཆེ་ཞུ་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལྕམ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་ད་རེས་ཚོགས་དུས་འདི་ནས་བགྲེས་ཡོལ་ལ་ཕེབས་ཀྱི་ཡོད་པ་དང་། བོད་དོན་ཁྲིམས་ཡིག་གི་ཁྲིམས་འཆར་བཏོན་མཁན་འཐུས་མི་མཡེ་ཀལ་མེཀ་ཀོལ་ (Michael McCaul) སྐབས་རྗེས་མ་ནས་གྲོས་ཚོགས་འཐུས་མིར་བཞེངས་མེད་སྟབས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།

ཡང་ཕྱི་ཚེས་ ༡༠ ཉིན། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ལུའི་ཕྲེང་ཀེལ་ (Lois Frankel) མཆོག་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རཡེ་ལི་སྦརནསི་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། ལས་ཁུངས་དེའི་སྡེ་ཚན་ཁག་གི་ལས་འཆར་འགན་འཛིན་ཁག་དང་གྲོས་མོལ་གནང་ཡོད་ཅིང་། ལུའི་ཕྲེང་ཀེལ་ནི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་ཆུང་ནང་དུ་འབྲེལ་བ་ཆགས་རྒྱུ་ཡིན་སྟབས། ཁོང་ལ་བོད་ཀྱི་གནད་དོན་གཞི་རིམ་དང་བཅས་པ་ངོ་སྤྲོད་ཞུ་རྒྱུའི་གོ་སྐབས་བྱུང་ཞེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་བྱུང་།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦརྱེན་མསཏི་ (Brian Mast) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་མཇལ་ཕྲད། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦརྱེན་མསཏི་ (Brian Mast) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡ (བྱང་ཨ་རིའི་སྐུ་ཚབ་དོན་ཁང་།)

མཇལ་འཕྲད་དེའི་སྐབས་སྲིད་སྐྱོང་མཆོག་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་འི་འགན་འཛིན་བློ་བཟང་བསྟན་འཛིན་ལགས་མཉམ་བཅར་གནང་འདུག

རྒྱ་ནག་གི་འགོག་གནོན་ལ་གདོང་ལེན། རྒྱ་ནག་གིས་བོད་ནང་འགོག་གནོན་གི་སྲིད་བྱུས་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བའི་ཐད་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་པ།

དེ་བཞིན་ཕྱི་ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) དང་། གྲོས་ཚོགས་འཐུས་མི་ཇོ་ཝིལ་སན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦརྱེན་མསཏི་ (Brian Mast)། གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརན་ (Jim McGovern) བཅས་དང་མཇལ་འཕྲད་གནང་ཡོད།

གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརན་ (Jim McGovern) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡
གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརན་དང་མཇལ་ཕྲད། གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརན་ (Jim McGovern) དང་མཇལ་ཕྲད་གནང་པ། ༢༠༢༦།༡༡།༡༡ (བྱང་ཨ་རིའི་སྐུ་ཚབ་དོན་ཁང་།)

མཇལ་འཕྲད་སྐབས་སུ་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་སྐོར་གླེང་བ་དང་། ཨ་རིའི་གྲོས་ཚོགས་ནང་ཚོགས་པ་ཟུང་སྦྲེལ་གྱི་འཐུས་མི་ཚོས་བོད་མི་མང་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ལེགས་བརྗོད་གནང་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ལོའི་ཕྱི་ཟླ་ ༡ པོ་དང་། ཕྱི་ཟླ་ ༦ བཅས་སུ་ཨ་རིའི་རྒྱལ་སར་ཕེབས་ཏེ་བོད་དོན་ཁྲིམས་འཆར་དང་དངུལ་རྩིས་རོགས་དངུལ་བཅས་གནད་དོན་ཅི་རིགས་ཀྱི་ཆེད་བཅར་ཡོད་ཅིང་། ད་རེས་ཕྱི་ཟླ་ ༡༡ ནང་ཕེབས་པ་ནི་འདི་ལོར་ཐེངས་ ༣ པ་དེ་ཆགས་ཡོད་པ་རེད།།

ཁ་སྣོན། སྲིད་སྐྱོང་མཆོག་དང་དམིགས་བསལ་བཅར་འདྲི་ཞུས་པའི་ནང་དོན་ཁག ༢༠༢༦།༡༡།༡༣

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

འབྲེལ་ཡོད་གནས་ཚུལ།

རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།

ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།